བོད་དང་བོད་མིའི་མགྲིན་ཚབ།

ལེའུ་ 11: སྟོང་ལོའི་མཇུག་བསྒྲིལ་མཚམས་ལ་སོན་དུས།

༡༩༩༥ལོའི་ཟླ་༥བའི་ཚེས༡༤ཉིན་༧གོང་ས་མཆོག་གིས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཁྱབ་བསྒྲགས་བྱས་ཀྱང་རྒྱ་གཞུང་གིས་ཡང་སྲིད་འཁྲུལ་བྲལ་དེར་ཆོག་མཆན་མ་སྤྲད་པར་འོས་སྤྲུལ་གཞན་ཞིག་འདེམས་སྒྲུག་བྱས་ཚུལ། གཞན་རྒྱ་ནག་གི་འགོ་ཁྲིད་ཅང་ཙེ་མིན་ལ་ཡི་གེ་ཕུལ་བ་སོགས་བཀོད་ཡོད།

ལེའུ་ 10: སྡུག་བསྔལ་དང་འཕྲད་དུས་ཕན་ཐོགས་བྱུང་བའི་ཉམས་ལེན་ཁག་གཅིག

ལེའུ་འདིའི་ནང་༧གོང་ས་མཆོག་གིས་མི་ཚེའི་ནང་གནས་སྟངས་ཤིན་ཏུ་ཐབས་སྡུག་དུས་སེམས་ཤུགས་མ་ཆག་པར་གནས་ཐུབ་པའི་ཐབས་ལམ་སྐོར་བརྗོད་ཡོད།

ལེའུ་ 9: གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་རྗེས་འབྲས།

གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་རྗེས་སུ་རྒྱ་མི་ཤེས་ཡོན་ཅན་མང་པོས་བོད་ལ་རྒྱབ་སྐྱོར་བྱེད་འགོ་ཚུགས་པ་དང་།༡༩༨༩ལོའི་ཟླ་༡༠བའི་ནང་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་སོགས་བརྗོད་ཡོད།

ལེའུ་ 8: སྐྱབས་གནས་བཞི་པར་ཞུ་འབོད།

༡༩༨༨ལོའི་ཟླ་༦པའི་ཚེས་༡༤ཉིན་༧གོང་ས་མཆོག་གིས་སི་ཊ་སི་སྦག་ནས་དབུ་མའི་ལམ་གྱི་ལམ་ཕྱོགས་ཡོང་བསྒྲགས་བྱས་བ་དང་། ༡༩༨༩ལོར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ཚུལ་བཀོད་ཡོད།

ལེའུ་ 7: འབྲེལ་མོལ་གྱི་གླིང་སློང་།

༧གོང་ས་མཆོག་གི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ཀྱིས་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་ཏེང་ཞའོ་ཕིང་དང་དྲུང་ཆེ་ཧུའུ་ཡའོ་པང་ལ་ཐུག་འཕྲད་གནང་བ་དང་། བོད་ནང་དུ་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཁག་བཞི་བཏང་ཚུལ་བརྗོད་ཡོད།

ལེའུ་ 6: གཞིས་སུ་གཏོར་བཤིག་དང་བྱེས་སུ་བསྐྱར་བསྐྲུན།

༡༩༥༩ལོའི་ཟླ་༣པའི་ཚེས༣༡ཉིན་༧གོང་ས་མཆོག་འཁོར་དང་བཅས་པ་རྒྱ་གར་གྱི་ས་མཚམས་ལ་སླེབས་དུས་སྲིད་བློན་ནེ་ཧ་རུས་དགའ་བསུའི་ཏར་འཕྲིན་འབྱོར་བ་དང་། དེ་ནས་འཛམ་གླིང་ཁྱོན་ལ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་སོགས་གསར་འགོད་གསལ་བསྒྲགས་སྤེལ། དེ་ནས་རིམ་བཞིན་བཙན་བྱོལ་ནང་དམངས་གཙོའི་སྲིད་གཞུང་དང་སློབ་གྲྭ་དགོན་པ། གཞིས་ཆགས་སོགས་འཛུགས་སྐྲུན་བྱས་པའི་སྐོར་བཀོད་ཡོད།

ལེའུ་ 5: ཡུལ་བབས་ཆབ་སྲིད་སྐོར་བསམ་གཞིགས།

ལེའུ་འདིའི་ནང་གོང་ས་མཆོག་གིས་བོད་ཡུལ་གྱི་ཆགས་བབས་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་དམིགས་ནས་ཅིའི་ཕྱིར་འདི་འདྲའི་ལོ་རྒྱུས་ཀྱི་གོད་ཆགས་ཞིག་བྱུང་བར་བསམ་གཞིགས་དང་དབྱེ་ཞིབ་བྱས་ཡོད།

ལེའུ་ 4: རང་ཡུལ་ནས་བྲོས་བྱོལ།

༧གོང་ས་མཆོག་ཕྱིར་བོད་ནང་དུ་ཕེབས་རྗེས་རྒྱ་མི་བོད་ནང་དུ་སྔར་ལས་མང་བོ་ཡོང་ནས་བོད་མའི་གནས་སྟངས་ཧ་ཅང་ཛ་དྲག་དུ་གྱུར་ལ། རྒྱ་གཞུང་གིས་གོང་ས་མཆོག་གི་སྐུ་སྲུང་སོགས་མཉམ་ཁྲིད་བྱས་མི་ཆོག་པར་རྒྱ་མིའི་ཟློས་གར་ལ་ལྟ་བར་འགྲོན་འབོད་བྱས་ལ། བོད་མི་མང་གིས་དེ་ལ་འཐད་པ་མེད་པར་ངོ་རྒོལ་བྱས་ནས་ཉིན་མཚན་མེད་པར་ནོར་གླིང་གི་མཐའ་སྐོར་ནས་སྒེར་ལངས་ཆེན་པོ་ཞིག་དུ་གྱུར་བ་དང་། རྒྱ་མིས་ནོར་གླིང་ལ་སྒྱོགས་འདེལ་འཕང་བ་དང་གཞུང་བསྟེན་སྲུང་མ་གནས་ཆུང་ཆོས་སྐྱོང་གི་བཀའ་ཕེབས་བཞིན། ༧གོང་ས་མཆོག་བོད་ཡུལ་ལྷ་ས་དང་ཇི་ལྟ་ཁ་བྲལ་བ་སོགས་བརྗོད་འདུག

ལེའུ་ 3: རྒྱ་གར་ལ་གནས་སྐོར།

འབྲས་ལྗོངས་རྒྱལ་སྲས་ཀྱིས་གདན་ཞུ་ཞུས་པ་ལྟར། ༧གོང་ས་མཆོག་རྒྱ་གར་དུ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་དུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་མཉམ་དུ་ཕེབས་པ་དང་། ཁོང་གི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་རྒྱ་ལོ་དོན་གྲུབ་སོགས་བོད་ཀྱི་གནད་ཡོད་མི་སྣ་དག་གིས་ཕྱིར་བོད་ལ་ཕེབས་མི་ཉན་པའི་སྐུལ་མ་གནང་ཚུལ་དང་། གཞན་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་དང་རྒྱ་ནག་གི་སྲིད་བློན་ཀྲའོ་ཨན་ལེ་གཉིས་ཀྱིས་ཀྱང་འདིའི་ཐད་ལ་ལྟ་ཚུལ་ག་འདྲ་བཏོན་ཡོད་པ་སོགས་བཀོད་འདུག

ལེའུ་ 2: མའོ་ཙེ་ཏུང་དང་མཇལ་འཕྲད།

༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱི་འགན་དབང་བཞེས་རྗེས་པན་ཆེན་རིན་པོ་ཆེ་དང་བོད་ཀྱི་སྐུ་ཚབ་དང་བཅས་མཉམ་དུ་པེ་ཅིང་ལ་སོང་ནས་གཙོ་འཛིན་མའོ་ཙེ་ཏུང་དང་མཇལ་འཕྲད་གནང་ཚུལ་སོགས་བརྗོད་ཡོད།

ལེའུ་ 1: བཙན་འཛུལ་དང་ང་ཚོའི་རྗེ་བོ་གསར་བ།

རྒྱ་ནག་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ནས་བོད་སྲིད་གཞུང་གི་སྐུ་ཚབ་ལ་བཙན་ཤེད་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོལ་ཏུ་བཅུག་པ།